ས་ཉོ་བཙོང་གི་གན་རྒྱ།
ད་ལན་ སྤྱི་ལོ་༢༠༢༥ སྤྱི་ཟླ་༦ པའི་སྤྱི་ཚེས་༡༤ ལུ་ དགའ་ས་རྫོང་ཁག་ ཁ་སྨད་རྒེད་འོག་ གཡུས་གེ་ཟ་ལས་ ངོ་སྤྲོད་ལག་ཁྱེར་ཨང་༡༢༣༤༥༦༧༨༩༠༡༢༣ ཅན་མ་འཆང་མི་ ངོ་མིང་ ཚེ་རིང་དང་ སྤ་རོ་རྫོང་ཁག་ བཙན་ཏོག་རྒེད་འོག་
གཡུས་བྱི་ཙི་ཕུག་ལས་ ངོ་སྤྲོད་ལག་ ཁྱེར་ཨང་ ༢༡༣༠༤༩༥༨༦༧༡༢༥ ཅན་མ་འཆང་མི་ ངོ་མིང་ སྒྲོལ་མ་གཉིས་ཀྱི་བར་ན་ ས་ཉོ་བཙོང་གི་གན་རྒྱ།
ངོ་མིང་ཚེ་རིང་་གྱི་ མིང་ཐོ་ཁར་ཡོད་པའི་
སྤུ་ན་ཁ་རྫོང་ཁག་ རྟ་ལོག་རྒེད་འོག་ གཡུས་ ནོརབུ་སྒང་ལས་ ཁྲམ་ཨང་༣༣༠ དང་ སའི་ཨང་ ཀིའུ་༣༠ ས་ཆའི་དབྱེ་བ་སྐམ་ཞིང་ ས་རྒྱ་དྲིསི་༡༥ འབད་མི་དེ་ ངོ་མིང་ མེ་ཏོག་སྒྲོལ་མ་ལུ་
ས་ཆའི་རིན་ དྲིསི་རེ་ལུ་༥༠,༠༠༠/-སྟོང་ཕྲག་ལྔ་བཅུ་རེ་སྦེ་ ཡོངས་བསྡོམས་༧༥༠,༠༠༠/-(འབུམ་བདུན་དང་ སྟོང་ཕྲག་ལྔ་བཅུ) སྦེ་འོག་ལུ་བཀོད་མིའི་ དཔང་པོ་ཚུ་ འཛོམས་ཐོག་བཙོངས་ཡོདཔ་ཨིན།
ས་བཙོང་མིའི་དཔང་པོ་ ཧཱ་རྫོང་ཁག་ དཀར་མཚོ་རྒེད་འོག་
གཡུས་ཧཱ་སྟོད་ལས་ ངོ་སྤྲོད་ལག་ཁྱེར་ཨང་ ༠༩༨༧༦༥༤༣༢༡༠༩༨ ཅན་མ་འཆང་མི་ ངོ་མིང་ རྡོ་རྗེ་དང་ ས་ཉོ་མིའི་དཔང་པོ་ ལྷུན་རྩེ་རྫོང་ཁག་
སྨན སྦིས་རྒེད་འོག་ གཡུས་སྟག་མོ་ཆུ་ལས་
ངོ་སྤྲོད་ལག་ཁྱེར་ཨང་
༦༧༨༩༠༡༢༣༤༥༤༣༧ ཅན་མ་འཆང་མི་ ངོ་མིང་ ལྷ་མོ་ཐོག་ལས་ ས་ཆའི་རིན་གོང་ལྷག་ལུས་མེད་པར་ འབུམ་བདུན་དང་སྟོང་ཕྲག་ལྔ་བཅུ་ ཆ་ཚང་སྤྲོད་དེ་ དངུལ་གྱི་འབྱོར་རྟགས་ཡང་བྱིན་ཏེ་ཡོདཔ་ཨིན།
ལོག་ཁྲམ་སྤོ་བའི་སྐབས་སུ་ ས་བཙོང་མིའི་ཧོང་ལས་ རིན་གོང་ཧེ་མ་ ཁ་འཆམ་མི་དེ་ལས་ལྷག་པའི་ རིན་ གོང་འཐེབ་དགོ་ནིའི་
ཉོག་བཤད་ཚུ་ག་ཅི་ཡང་ བཀོད་མི་ཆོག་པའི་ཁར་ ས་དེ་ཁོ་ར་ རང་འཇགས་བཞག་ ནི་ཨིན་ཟེར་བའི་ ལོ་རྒྱུས་རེ་འཐོན་པ་ཅིན་ ས་ཉོ་མི་ སྒྲོལ་མའི་བློ་འདོད་དང་བསྟུན་ཏེ་ ས་བཙོང་ མི་ རིག་གསལ་རིག་ལྡན་གྱིས་ སྐབས་བབས་དང་བསྟུན་པའི་ ས་གི་རིན་གོང་ ལོག་སྤྲོད་དགོཔ་སྦེ་ཁ་ འཆམ་བྱུང་ཡོད།
གལ་སྲིད་ གོང་ལུ་བཀོད་ཡོད་པའི་ གནད་དོན་དེ་ཁར་ མ་གནས་པའི་རིམ་པ་ རྩ་ཕན་ག་གི་ཁ་ཐུག་ ལས་འབྱུང་རུང་ ཉེས་ཁྲིམས་གཞུང་གི་ཁྲིམས་ལུགས་ག་ཨིནམ་སྦེ་ ཕྱག་ཕྱིད་ཞུ་དགོ་པའི་གན་འཛིན་ལུ།
༡ ས་བཙོང་མི་ ངོ་མིང་ ཚེ་རིང་གྱི་རྟགས།
༢ ས་བཙོང་མའི་དཔང་པོ་ རྡོ་རྗེའི་རྟགས།
༣ ས་ཆ་ཉོ་མི་ མསྒྲོལ་མའི་རྟགས།
༤ ས་ཆ་ཉོ་མིའི་དཔང་པོ་ ལྷ་མོ་གི་རྟགས།
No comments:
Post a Comment