༥.རྣམ་དབྱེ་བརྒྱད།

རྣམ་དབྱེ་ཟེར་མི་འདི་ མིང་དང་ཚིག་ སོ་སོར་འབད་ ཁ་ཕྱེ་མི་ལུ་སླབ་ཨིན། དང་པ་ངོ་བོ་ཙམ་སྟོན་པ། གཉིས་པ་ལས་སུ་བྱ་བ། གསུམ་པ་བྱེད་པ་པོ། བཞི་པ་ དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་སྒྲ། བདུན་པ་གནས་གཞི། བརྒྱད་པ་འབོད་སྒྲ་དང་བརྒྱད་ཡོད།


དང་པོ་ངོ་བོ་ཙམ་སྟོན་པ།

ངོ་བོ་ཙམ་སྟོན་པ་ཟེར་མི་འདི་ ཅ་ལ་ཨིན་རུ་མི་ཨིན་རུ་ བརྗོད་བྱའི་དོན་ ག་ཅི་ར་ཨིན་རུང་ མིང་རྐྱང་པ་ཙམ་མ་གཏོགས་ ཁྱད་ཆོས་དང་ཁྱེད་ཚིག་ཚུ་ ག་ནི་ཡང་མ་སྟོན་མི་ལུ་ སླབ་ཨིན། 

དཔེར་ན། རྡོ་རྗེ། སྤ་རོ། རོ་ཁྱི། ནགས་ཚལ། ཨམ་སྲུ།


གཉིས་པ་ལས་སུ་བྱ་བ།

ལས་སུ་བྱ་བ་ཟེར་མི་འདི་ བྱ་བའི་ཡུལ་ལམ་ལས་ཅིག་ལུ་ བྱེད་པ་པོ་ཅིག་གིས་ ལཱ་ཅིག་འབད་བའི་དོན་སྟོན་པའི་ཚིག་ཅིག་ལུ་ སླབ་ཨིན། འདི་ལུ་ནང་གསེས་ཀྱི་དབྱེ་བ། ལས་སུ་བྱ་བའི་རྣམ་དབྱེ་དང་ བྱ་ལས་དབྱེར་མེད་ཀྱི་རྣམ་དབྱེ་གཉིས་ཡོད། ལས་སུ་བྱ་བ་ལུ་ཕྲད། ན། ར། ལུ། གུ།


གསུམ་པ་བྱེད་པ་པོ།

བྱེད་པ་པོ་ཟེར་མི་འདི་ གང་ཟག་དང་ དངོས་པོ་ གང་རུང་ཅིག་གིས་ ལཱ་འབད་བའི་དོན་སྟོན་པའི་ཚིག་ཅིག་ལུ་སླབ་ཨིན། དེ་ལུ་ནང་ གསེས་ཀྱི་དབྱེ་བ་ བྱེད་པ་པོ་གཙོ་བོ། བྱེད་པ་པོ་ཕལ་པ། རང་བཞིན་གྱི་བྱེད་པ་པོ། རྒྱུ་མཚན་ལུ་འཇུག་པ་དང་བཞི་ཡོད། 

བྱེད་སྒྲའི་ཕྲད་ ཀྱིས། གིས། གྱིས། གསུམ་འཇུགཔ་ཨིན།

ཕྲད་ ཀྱིས་ འདི་ རྗེས་འཇུག་ ད། བ། ས་ གསུམ་དང་། གིས་ འདི་རྗེས་འཇུག་ ག། ང་། འ་ གསུམ་དང་ མཐའ་མེད་ཀྱི་རྗེས་སུ་འཇུགཔ་ཨིན། ཕྲད་ གྱིས་ འདི་ རྗེས་འཇུག་ ན། མ། ར། ལ་བཞིའི་ རྗེས་སུ་འཇུགཔ་ཨིན།

བྱེད་པ་པོ་གཙོ་བོ་ཟེར་མི་འདི་ ལཱ་འབད་སའི་ས་གོ་ནང་ ལཱ་འབད་མི་ གང་ཟག་མི་ ངོ་མ་འབད་ཡོད་མི་ཅིག་ལུ་སླབ་ཨིན། དཔེར་ན། སྟག་གིས་མཆོང།

བྱེད་པ་པོ་ཕལ་པ་ ཟེར་མི་འདི་ ཅ་ལ་གང་རུང་གིས་ ལཱ་འབདཝ་འབད་ སྟོན་མི་ལུ་སླབ་ཨིན། དཔེར་ན། སྨན་གྱིས་ཕན།

རང་བཞིན་གྱི་བྱེད་པ་པོ་ཟེར་མི་འདི་  ས། ཆུ། མེ། རླུང་། ཉིམ ཚུ་གིས་འབད་མི་ལཱ་ལུ་གོཝ་ ཨིན། དཔེར་ན། ས་མུག་གིས་གང་ནུ།

རྒྱུ་མཚན་ལུ་འཇུག་པའི་དཔེ་  ཏི་རུ་ཐོབ་ཅི། 


ལ་བཞི་པ་དགོས་ཆེད།

དགོས་ཆེད་ཟེར་མི་འདི་ ཚིག་གང་རུང་ཅིག་ལུ་ ལས་ཚིག་སྦྱརཝ་ད་ བར་ན་ལུ་ཕྲད་ ར། ལུ། གུ་གསུམ་གྱིས་ ལཱ་འདི་ འབད་དགོ་པའི་ དོན་དག་དང་ ཡུལ་དང་བྱེད་པོ་གང་རུང་ལུ་ ཕན་པའི་དོན་སྟོན་པའི་ ཚིག་ཅིག་ལུ་ སླབཔ་ཨིན།

དཔེར་ན།

ར - དབང་ཞུ་བར་འགྱོ་དེས། འཚོལ་བར་སོང་།

ལུ- སེམས་ཅན་ལུ་སྦྱན་པ་གཏང་། གནག་དུང་ནང་ལུ་མེ་བཏེག

གུ- རྨ་གུ་སྨན་དབུར། མིག་ཏོ་གུ་མིག་ཤེལ་བཙུགས།

དགོས་ཆེད་ཀྱི་ཕྲད་ཚུ་གི་ཧེ་མ་ དོན་ ཟེར་བའི་ཚིག་བཙུགསཔ་ད་ དགོས་ ཆེད་གསལ་བྱེད་ལུ་འགྱོཝ་ཨིན། དཔེར་ན། གཞུང་དོན་ལུ་དཀའཝ་སྤྱད་དགོ་ ཟེར་དོ་བཟུམ།


ལྔ་པ་འབྱུང་ཁུངས།

འབྱུང་ཁུངས་ཟེར་མི་འདི་ གང་ཟག་དང་ དངོས་པོ་ཚུ་ ཡུལ་ག་ ལས་འབྱུངམ་ཨིན་ན་གི་ ཁུངས་སྟོན་པའི་ཚིག་ལུ་སླབཔ་ཨིན། དེ་ ལུ་ནང་གསེས་ཀྱི་དབྱེ་བ། འབྱུང་ཁུངས་དངོས། ཆ་འདྲ་བ། འགྲན་ བསྡུར། རྒྱ་མཚན། སྡུད་སྒྲ་བཅས་ ལྔ་ཡོད། འབྱུང་ཁུངས་ཀྱི་ཕྲད་ ལས་ ཨིན།


དྲུག་པ་འབྲེལ་སྒྲ།

འབྲེལ་སྒྲ་ཟེར་མི་འདི་ གང་ཟག་དང་དངོས་པོ་ཚུ་གི་བར་ན་ འབྲེལ་ བ་སྟོན་པའི་ཚིག་ཅིག་ལུ་སླབཔ་ཨིན། འབྲེལ་སྒྲའི་ཕྲད། ཀྱི། གི། གྱི། འི། ཡི་ལྔ་ཡོད་མི་ཚུ་རྗེས་འཇུག་ ད། བ། སའི་མཐའ་མར་ཀྱི། ག། ང་། མཐའ་མེད་ཀྱི་རྗེས་སུ་གི། ན། མ། ར། ལའི་མཐའ་མར་ གྱི། འ་དང་མཐའ་མེད་ཀྱི་རྗེས་སུ་ འི་དང་ ཚིག་ཁ་སྐོང་དགོཔ་དང་ ཡི་འཐོབཔ་ཨིན། འབྲེལ་སྒྲའི་འཇུག་ཚུལ་གྱི་དབྱེ་བ། ངོ་བོ་བདག་ གཅིག དེ་ལས་དེ་འབྱུང་། རྟེན་དང་བརྟེན་པ། ཡན་ལག་དང་ཡན་ ལག་ཅན། ཁྱད་གཞི་དང་ཁྱད་ཆོས། ནོར་དང་བདག་པོ་བཅས་དྲུག་ཡོད།


བདུན་པ་གནས་གཞི།

གནས་གཞི་ཟེར་མི་འདི་ གང་ཟག དངོས་པོ་ག་ཅི་ར་འབད་རུང་ ཡུལ་དང་དུས་ཀྱི་གཞི་གཅིག་ལུ་ གནས་ཏེ་ཡོད་པའི་དོན་སྟོན་པའི་ ཚིག་ཅིག་ལུ་སླབཔ་ཨིན། དེ་ལུ་ ནང་གསེས་ཀྱི་དབྱེ་བ། ཡུལ་གྱི་ གཞི་ལ་གནས་པར་སྟོན་པའི་གནས་གཞི་དང་ དུས་ཀྱི་གཞི་ལ་ གནས་པར་སྟོན་པའི་ དུས་ཀྱི་གནས་གཞི་དང་གཉིས་ཡོད། ཡུལ་གྱི་ གནས་གཞི་ལུ་ ཕྲད་ ན། ར། ལུ། གུ་བཞི་དང་ དུས་ཀྱི་གནས་ གཞི་ལུ་ ན། ར། ལུ་གསུམ་འཇུགཔ་ཨིན། བརྒྱད་པ་བོད་སྒྲ།

བོད་སྒྲ་ཟེར་མི་འདི་ གང་ཟག་མཆོག་དམན་འབྲིང་གསུམ་ག་ར་ འབོ་ རུང་ མིང་གི་ཐོག་མཐའ་དང་ ཚིག་གི་ཐོག་མཐའ་བར་གསུམ་ལུ་ སྦྱར་བའི་ཚིག་ཅིག་ལུ་སླབཔ་ཨིན། འདི་ལུ་ནང་གསེས་ཀྱི་དབྱེ་བ་ གང་ཟག་ལུ་ཐོབ་པའི་ བོད་སྒྲའི་རིགས་ཅིག་དང་ ལས་ཚིག་ལུ་ཐོབ་ པའི་སེམས་ཚོར་སྟོན་པའི་སྒྲ་དང་གཉིས་ཡོད།

ཀྱེ།-- ཀྱེ་ལྟོ་ཚང་ཡི་གུ་འདི་ནཱ་ཏང་ཤིག

ཆིད་ཆིད། -- ཆིད་ཆིད་ ན་ཤོག་ཞིག

དབའི།-- དབའི་ཁྱོད་ག་ཅི་འབདཝ།


བརྒྱད་པ་འབོད་སྒྲ།

འབོད་སྒྲ་ཟེར་མི་འདི་གང་ཟག་མཆོག་དམན་འབྲིང་གསུམ་ ག་འབོ་རུང་ མིང་གི་ ཧེ་མ་སྦྱར་མི་ལུ་སླབ་ཨིན། དེ་ལུ་ དབྱེ་བ་ཅིན་ གང་ཟག་ གི་འབོད་སྒྲ་ དཔེ་འབད་བ་ཅིན། ཀྱེ དབའི། ཆིད། ཨོའི།ཚུ།

སེམས་ཚོར་སྟོན་པའི་སྒྲ། དཔེར་ན། སྤ། སྤའོ། ཨའོ། ཤུད། ཨ་ཁ་ཚུ།








Comments