༉ རྫོང་ཁ་འདི་ འབྲུག་རྒྱལ་ཁབ་ནང་ དཔལ་ལྡན་འབྲུག་པའི་ ཆོས་སྲིད་གཉིས་ལྡན་གྱི་གཞུང་འགོ་དང་པ་ དབུ་བརྙེར་པའི་བསྒང་ལས་ར་ རྒྱལ་ཁབ་ཀྱི་གཞུང་ཁ་འབད་ ལག་ལེན་འཐབ་པའི་སྐད་ཡིག་ཅིག་ཨིན། དུས་རབས་ ༢༠ པ་ རྒྱལ་ཁབ་ནང་ དཔལ་འབྱོར་གོང་འཕེལ་འཆར་གཞི་ བཙུགས་པའི་སྐབས་ལུ་ འབྲུག་རྒྱལ་གསུམ་པ་མཆོག་གྱིས་ ཁ་ལས་ག་སླབ་ཀྱི་རྫོང་ཁ་ ཡིག་ཐོག་ལུ་བྲི་ནིའི་ ལམ་སྲོལ་འགོ་བཙུགས་ཏེ་གནངམ་ལས་ རྒྱལ་ཁབ་ཀྱི་ རྒྱལ་ཡོངས་སྐད་ཡིག་འབད་ སྤྱི་ལོ་༡༩༧༡ ལུ་ངོས་འཛིན་འབད་གནང་ནུག།
དེ་དང་གཅིག་ཁར་ འབྱུང་རབས་དང་སྔར་སྲོལ་ལམ་ལུགས་ལས་བརྟེན་ རྫོང་གཞི་ལས་ཕར་ སྨྲ་ཤེས་དོན་འགོ་བ་མིའི་མཚན་ཉིད་ ཟེར་བའི་དམིག་གཏད་ལས་བརྟེན་ གཅིག་གིས་གཅིག་ལུ་ བརྡ་དོན་སྤྲོད་ལེན་འབད་ ལག་ལེན་འཐབ་ནི་འདི་གི་ རྫོང་ཁ་ཟེར་ནེ་ལས་འབྱུང་སོང་ནུག། ང་བཅས་རའི་རྒྱལ་ཁབ་ནང་ ཡིག་ཐོག་ལུ་ཡོད་པའི་ ཁ་སྐད་འདི་ རྗོང་ཁ་རྐྱམ་ཅིག་མ་ཏོག་ བཞན་མེདཔ་ཨིན།
རྫོང་ཁ་འདི་འགོ་དང་པ་ ག་ཏེ་ལས་འབྱུང་ནུག་དགོ་ཟེར་བ་ཅིན་ སིད་ནོ་བོད་པའི་སྤུན་ལས་འབྱུང་ཡོད་པའི་ ལོ་རྒྱུས་འདུག། ངེས་མ་ བོད་ཡུལ་ལུ་ དམག་འཁྲུག་འབྱུང་པའི་སྐབས་ལུ་ མི་ཚུ་འབྲུག་རྒྱལ་ཁབ་ཀྱི་ས་ཚམས་ལུ་ བྱོག་འོང་སྟེ་ སྡོད་ནི་འདི་གིས་ ཁ་སྐད་རྫོང་ཁ་ཟེར་ ནེ་ལས་བརྟེན་ བརྒྱུར་བཅོས་འབད་དེ་རང་འབྱུང་ཡོད་པའི་ལོ་རྒྱུས་འདུག། དེ་དང་འབྲེལ་ཐོན་མི་སམྦྦྷོ་ཏ་ འདི་རྫོང་ཁ་གཞི་བཙུགས་ གནང་མི་ཨིནམ་དང་དེ་ཝ་ན་ག་རི་ཡི་གུ་ རྩ་བ་རྒྱ་གར་ལས་ གསར་གཏོད་གནང་ནུག། རྫོང་ཁ་འདི་ གསལ་བྱེད་གསུམ་བཅུ་དང་ དབྱངས་བཞི་ལས་བསྒྲུབ་པའི་ཡི་གུ་ཅིག་ཨིན།
རྫོང་ཁ་འདི་ ད་ལྟོ་བར་ན་ཡང་ ཕ་རྒྱུད་བུ་རྒྱུད་ལས་ དར་ནི་འདི་གིས་ རྒྱལ་ཁབ་མང་ཤུགས་ཆེ་སུ་ ནུབ་ཕྱོགས་༼དབང་དུས། སྤུ་ན་ཁ། དགའ་ས། ཧས། དར་དཀར་ནང། དང་ ཆུ་ཁ།༽ ལུ་ལག་ལེན་འཐབ་ཨིནམ་པས། དེ་དང་ཅིག་ཁར་ རྒྱལ་ཁབ་ མི་སེར་བརྒྱ་ཆ་ ༥༠༠༠༠༠ འདི་ཅིག་རང་ རྫོང་ཁ་འདི་ལག་ལེན་འཐབ་ཨིན་ཟེར་ཞིབ་འཚོལ་འབད་དེ་འདུག།
རྫོང་ཁ་དར་ཁྱབ་མ་འགྱོ་བའི་ཧེ་མ་འབད་བ་ཅིན་ ལུངས་ཕྱོགས་རང་རང་གི་ཁ་སྐད་མ་འདྲཝ་ཚུ་ལག་ལེན་འཐབ་འབད་སྡོད་ཡོདཔ་ཨིན།།
༣༽ ཤར་ཕྱོགས་ལུ་ལག་ལེན་འཐབ་མི་ཁ་སྐད་མ་འདྲཝ་འབད་བ་ཅིན།།
༡༽ བཀྲིས་སྒང་ལུ་གཉིས།།
ཤར་ཕྱོགས་ཁ་དང་། ཁེང་ཁ།
༢༽ མོང་སྒར་ལུ་གསུམ།།
ཤར་ཕྱོགས་ཁ་དང་། ཁེང་ཁ། ཆོ་ཅ་ང་ཅ་ཁ།
༣༽ གཡང་རྩེ་ལུ་གསུམ།།
ཤར་ཕྱོགས་པ་ཁ། གཡང་རྩེ་པ་ཁ་དང་། ཆོ་ཅ་ང་ཅ་ཁ།
༤༽ ལྷུན་རྩེ་ལུ་གསུམ།།
ཁོང་མ་ཁ། ཀུར་བསྟོདཔ་ཁ་དང་། ཆོ་ཅ་ང་ཅ་ཁ།
༥༽ པདྨ་དགའ་ཚལ་ལུ་གཉིས།།
ཤར་ཕྱོགས་པ་ཁ། ཁེང་ཁ།
༦༽ བུམ་ཐང་ལུ་གཅིག།
བུམ་ཐང་པ་ཁ།
༧༽ ཀྲོང་སར་ལུ་གཉིས།།
མན་པ་ཁ། ཁེང་ཁ།
༨༽ ཞེམ་སྒང་ལུ་གཅིག།
ཁེང་ཁ།
༢༽ ནུབ་ཕྱོགས་ལུ་འབད་བ་ཅིན་ཚིག་གི་བརྗོད་སྒྲ་ཨ་ཙི་རེ་མ་འདྲམ་སྦེ་ཡོདཔ་མ་གཏོགས་ཁ་སྐད་གཅིག་ལས་མངམ་འབད་མེདཔ་ཨིན།།
༡༽ དབང་འདུས།
༢༽ ཐིམ་ཕུ།
༣༽ པ་རོ།
༤༽ ཆུ་ཁ།
༥༽ སྤུ་ན་ཁ་་་་་་་ལྔ་ནང་ཁ་སྐད་གཅིག
དེ་ཡང་སྔ་ལོང་ཁ་ཟེར་རྫོང་ཁ་འདི་ཨིན།
༣༽ བྱང་ཕྱོགས་ལུ་ཡང་ཁ་སྐད་གཅིག།
༡༽ ཧཱ་ཁ་ཟེར་རྫོང་ཁ་ཆ་འདྲཝ་ཅིག་ཡོད།
༤༽ ལྷོ་ཕྱོགས་ལུ་འབད་བ་ཅིན།།
༡༽ བསམ་རྩེ་ལ་གཉིས།
ནེ་པ་ལི་ཁ་དང་། ཌྲོ་ཡ་ཁ།
༢༽ རྩི་རང་ལུ་གཅིག
ནེ་པ་ལི་ཁ།
༣༽ དགེ་ལེགས་ཕུ་གཅིག།
ནེ་པ་ལི་ཁ།
༣༽ དཱ་དཀར་ན་ལུ་གཅིག།
ནེ་པ་ལི་ཁ་་་་་་་་་་་བཅས་ཁ་མ་འདྲཝ་འདི་ཚུ་ལག་ལེན་འཐབ་སྡོད་ནུག་ ཨིན་རུང་ད་རེས་ནང་པ་འབད་བ་ཅིན་ངེས་པ་མེདཔ་ཨིན།།
ལྷག་པར་དུ་འབྲུག་རྒྱལ་ཁབ་འདི་དགོ་དང་པ་འཛམ་གླིང་སྤྱི་ཚོགས་ནང་འཛུལ་ཞུ་འབད་བའི་སྐབས་སུ་འབྲུག་རྒྱལ་ཁབ་ཀྱི་ཁ་སྐད་འདི་རྫོང་ཁ་ཨིན་པའི་སྐོར་ལས་གསལ་སྟོན་གནང་ཐོག་མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་རྒྱལ་ཡོངས་ཁ་སྐད་འདི་རྫོང་ཁ་ཨིནམ་འབད་འཛམ་གླིང་སྤྱི་ཚོགས་ནང་ལུ་མཚན་བཀོད་མཛད་གནང་ནུག།
རྫོང་ཁ་འདི་དེང་སང་གི་རྫོང་ཁ་ལུ་འགྱུར་དགོ་པའི་ཁྱེད་ཆོས་འདི།
= བརྡ་འགྱུར་གྱི་རྣམ་བཞག་
རྒྱལཔ་རིམ་འབྱོན་གྱི་ཁ་སྐད་དང་རྫོང་ཁ་ནང་ལས་རྫོང་ཁ་
ཁ་སྐད་ལུ་རྐྱངམ་ཅིག་འབྲི་ནི་ཡི་གུ་ཡོད་ནི་འདི་ཀྱིས་ཨིན།།
Comments
Post a Comment